ངེས་པ་དོན་གྱི་སེམས་པ་ཆེན་པོ་༧སྐྱབས་རྗེ་མགར་ཆེན་སྐུ་ཕྲེང་བརྒྱད་པ་དཀོན་མཆོག་ངེས་དོན་བསྟན་པའི་ཉི་མ་མཆོག་དགུང་གྲངས་བརྒྱད་ཅུ་ལ་ཕེབས་པའི་འཁྲུངས་སྐར། བཀྲ་ཤིས་ལྷ་ཉི་དཀར་པོའི་འོད་སྟོང་གླིང་བཞིར་ཁྱབ་པའི་དུས་འདིར་སྟབས་བསྟུན། ཐེ་ཝན་འབྲི་གུང་བཀའ་བརྒྱུད་ལྷོ་དཔལ་མེ་དགོན་པའི་ཆོས་ཚོགས་དགེ་སློབ་ཐུན་མོང་ནས། སྦས་པའི་རྣལ་འབྱོར་ཆེན་པོ་གང་ཉིད་དོན་དམ་པ་ལ་སྐྱེ་རྒ་ན་འཆི་མཚན་མ་དབྱིངས་སུ་ནུབ་ཅིང་། སྐུ་གསུང་ཐུགས་མཆོག་ཆོས་སྐུ་ཆེན་པོར་ཐིམ་ཟིན་ཡང་། ཀུན་རྫོབ་འགྲོ་བའི་སྣང་ངོར་གདུལ་བྱ་རྟག་འཛིན་ཅན་རྣམས་ཀྱི་ངོར་གཟུགས་སྐུ་བཀོད་པ་མྱ་ངན་ལས་མི་འདའ་བ་དང་། བརྩེ་ཆེན་ཐུགས་རྗེ་ཆེན་པོས་བསྟན་དང་འགྲོ་བ་ཡལ་བར་མི་འདོར་བར། མཚན་དཔེ་ཉ་རྒྱས་ཟླ་བའི་དཀྱིལ་འཁོར་ནམ་ཡང་མི་ཉམས་རྒྱལ་བ་ཚེ་མཐའ་ཡས་པའི་ངོ་བོ་ལ་ནམ་མཁའ་མ་ཞིག་འཁོར་བ་མ་སྟོང་གི་བར་དུ་བཞུགས་པའི་ཆེད། ༢༠༡༦:༤:༡༠ཉིན་ ཕྱི་དྲོ་དུས་ཚོད་གཉིས་ནས་བཞི་པའི་བར་སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་ཟབ་རྒྱས་ཚོགས་ཀྱི་འཁོར་ལོ། དངོས་འབྱོར་ཡིད་སྤྲུལ་གྱི་མཆོད་པ་རྒྱ་ཆེན་པོས་ཞབས་བརྟན་བྱེད་འཆར་ཡོད་པས་ཡོང་འདོད་ཡོད་རིགས་རྣམས་དུས་ཐོག་ཏུ་ཕེབས་གནང་ཡོང་བ་ཞུ་ཞུ།


2016.4.10(日)中心提前安排為噶千仁波切暖壽的活動。
白度母具有賜與健康、長壽、順緣、保護的世間功德,特修持白度母心咒來祝願尊貴的 噶千仁波切長壽安康,佛行事業廣弘十方!
歡迎佛友共同前來祝願這個吉祥殊勝的活動。

法會時間:2016.4.10(日)下午2:00~17:00
◆獻哈達◆供燈祈願◆持誦白度母心咒
請法友自備哈達為尊貴的 噶千仁波切一同祝壽。

arrow
arrow

    bamaikonba 發表在 痞客邦 留言(0) 人氣()